༈ བརྩེགས་པའི་ཐོག་མར་གང་བྱུང་དང། །ཚེག་དྲག་ཅན་དང་ཐིག་ལེ་ཅན། །རྐང་ མཐའ་རིང་པོའི་ཡི་གེ་ལྕི། །ལྷག་མ་རྣམས་ནི་ཡང་བའོ། །ཡི་གེ་བགྲང་བ་བྲྀ་ཏྟ་ལ། །གཅིག་ལྕི་ག་དང་གཅིག་ཡང་ལ། །བྷ་ཐོག་ལྕི་བ་ཛ་དབུས་ལྕི། །ས་མཐའ་ལྕི་བ་མ་ཀུན་ལྕི། །ཡ་ཐོག་ཡང་བ་ར་དབུས་ཡང་ ཏ་མཐའ་ཡང་བ་ན་ཀུན་ཡང། །ལྕི་བར་ཝ་དང་ཡར་བར་ཀ། །བྷ་སོགས་ཨུཏ་ལྡན་ངལ་གསོའི་རྟགས། ་ཕྱི་མོ་བགྲང་བ་ཛཱ་ཏི་ལ། །ཡང་བ་ཕྱི་མོ་གཅིག་པ་སྟེ། །ལྕི་བ་ཕྱི་མོ་གཉིས་པ་ཡིན། །བྷ་དང་ཛ་དང་ས་དང་ ནི༑ ༑ལྕི་བ་ཟུང་དང་ཡང་བ་བཞི། ཕྱི་མོ་བཞི་ཚོགས་དེ་ལྔ་ལ། །ཙ་ཞེས་མིང་དུ་འདིར་བྱ་སྟེ། །ཡང་བ་བཞི་ཚོགས་ཁ་ཡང་ཡིན། །ཕྱི་མོ་གཅིག་པར་ཀ་དང་ནི། །ཕྱི་མོ་གཉིས་པར་ད་ཞེས་བྱའོ། །གཟུགས་གཅིག་ཟུང་ གཉིས་མེ་ནི་གསུམ། །རིག་བྱེད་དང་ནི་ཆུ་གཏེར་བཞི། །མདའ་དང་དབང་པོ་ཡུལ་ནི་ལྔ། །དུས་དང་རོ་ནི་དྲུག་ཡིན་ཏེ། །འཇིག་རྟེན་རྟ་དབྱངས་ཐུབ་པ་བདུན། །ནོར་ལྷ་ཡན་ལག་མྱོས་བྱེད་བརྒྱད། །གཟའ་དང་བུ་ག་ [047B] །ཕྱོགས་བཅུ་དྲག་པོ་བཅུ་གཅིག་གོ་བཅུ་གཉིས་ཉི་མ་བཅུ་གསུམ་སྲིད། །ཡིད་སྐྱེས་ཞེས་པ་བཅུ་བཞིའོ། །འདི་རྣམས་སྡེབ་སྦྱོར་སྔོན་འགྲོ་ལ། །མཁོ་ཕྱིར་དྷརྨ་བྷ་དྲས་བསྒྲིགས།། །།